2019-03-12 08:47 来源:昌都发布 点击:0
ཉེ་ལམ། སྨར་ཁམས་རྫོང་རིག་གནས་ཚན་པས་ལྕགས་རྟ་གྲོང་དུ་དམངས་ཁྲོད་སྒྱུ་རྩལ་པ་བསྟན་འཛིན་འཕྲིན་ལས་ལ་བཅར་འདྲི་བྱེད་སྐབས། མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་གསར་པ་ཞིག་སྟེ་ཚྭ་ཆུའི་ཆུ་ཟོམ་བཟོ་བའི་ལག་རྩལ་དང་ཚྭ་ལས་མཁན་གྱི་གནའ་ཁང་གཉིས་ཤེས་རྟོགས་བྱུང་བ་རེད།
非物质文化遗产是地域文化的珍贵技艺,是一方文脉的延续。近日,芒康县文化资源普查员在加达村寻访民间艺人旦增赤列时,意外发掘新的“非遗”项目——卤水桶制作技艺和盐民故居。
བཅར་འདྲིའི་བརྒྱུད་རིམ་ནང་བསྟན་འཛིན་འཕྲིན་ལས་ཀྱིས་རིག་གནས་ཚན་པའི་མི་སྣར་ཚྭ་ལས་མཁན་གྱི་གནའ་ཁང་གི་ལོ་རྒྱུས་གླེང་བ་མ་ཐད་རང་ཉིད་ཀྱིས་བཟོས་པའི་ཆུ་ཟོམ་འགྲེམས་སྟོན་བྱས།
寻访中,民间艺人旦增赤列向普查员讲述了加达盐民故居的历史故事,并现场展示了自己制作卤水桶的作品。
ཤེས་རྟོག་བྱུང་བར་གཞིགས་ན། ཚྭཚྭ་ཆུའི་ཆུ་ཟོམ་དེ་ནི་ཤིང་ཤུན་དང་ར་སྤུའི་སྐུད་པས་བཟོས་པ་ཡིན་ཞིང་མ་བཅོས་རྒྱུ་ཆ་ཚང་མ་ས་གནས་དེ་ག་ནས་ཐོན་པ་ཡིན་པས་བཟོ་དབྱིབས་མཛེས་ལ་ཞིབ་ཚགས་དང་སྲ་མཁྲེགས་ཀྱི་རང་བཞིན་ལྡན་ཡོད། ལག་རྩལ་དེ་ད་བར་ལོ་ངོ་1300ལྷག་གི་ལོ་རྒྱུས་ལྡན་པ་དང་། བསྟན་འཛིན་འཕྲིན་ལས་ནི་ལག་རྩལ་རྒྱུད་འཛིན་གྱི་མི་རབས་ལྔ་པ་ཡིན་ཞིང་ཆུང་དུས་ནས་ལག་རྩལ་དེ་སྤོ་བོ་དང་ཨ་ཕའི་ཤུགས་རྐྱེན་ལས་རྣ་བྱང་དུ་གྱུར་ཡོད།
据了解,卤水桶由树皮、黑山羊羊毛线、桦树皮等组成,原材料均为当地所产,造型非常好看、经久耐用,充满着浓郁的生活气息,风格粗犷质朴却不失细腻精巧,该技艺流传至今已有1300年的历史。旦增赤列已是第五代传人,他从小就在家中耳濡目染祖父和父亲的卤水桶制作技艺。
ཚྭ་ལས་མཁན་གྱི་གནའ་ཁང་འདི་ཉིད་ད་བར་ལོ་ངོ300ལྷག་གི་ལོ་རྒྱུས་ཡོད་པ་དང་། ཤུལ་བཞག་འཛུགས་སྐྲུན་དེ་ཉིད་ནི་རྡོ་དང་ཤིང་ལས་གྲུབ་ཅིང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་20དང་དཔངས་ལ་ལི་སྨི་230 གྱང་གི་ཕྱི་ངོས་མ་གཏོགས་ཕལ་ཆེར་རྒྱུ་ཤིང་ལས་གྲུབ་པ་ཤ་སྟག་རེད། ཁང་པའི་ནང་གི་ཅ་དངོས་ཚང་མར་གནའ་ཉམས་ཚོར་ལ་ཤིང་སྒྲོམ་ཐོག་ཏུ་འཚོ་བ་དང་ཚྭ་བཟོའི་ཡོ་བྱད་བཞག་ཡོད་ཅིང་དེ་དག་ཕལ་ཆེར་ནི་མི་རབས་ནས་མི་རབས་བར་བརྒྱུད་ཡོང་བའི་ཅ་དངོས་ཡིན། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་20ཙམ་ལས་མེད་པའི་ཁང་ཆུང་དེ་ནི་སྐབས་དེའི་ཚྭ་བཟོ་བའི་འཚོ་བའི་གནས་ཚུལ་དངོས་ཡིན་པ་དང་བཟོ་བཀོད་སྟབས་བདེ་ལ་ཞིབ་ཚགས་དེས་ལྕགས་རྟ་གྲོང་གི་ཚྭ་བཟོ་བའི་བློ་རིག་མཚོན་བཞིན་ཡོད།
盐民故居,距今有300多年历史,该建筑为一层石木结构,占地面积约20平方米,高约230厘米,除屋墙外均为木质结构,特别是窗户为木质滑窗,简洁而耐用,屋内所有用具的摆设完全还原了当时的位置,由木钉固定的木架子上,摆满了生活和制盐用具,多数为世代相传。这仅有20平米的房屋就是当年盐民生活的真实写照,简单而不失细腻,处处体现着加达盐民的智慧,也诉说着旧社会的贫穷落后。
གོམ་སྟབས་རྗེས་མར་རྫོང་རིག་གནས་ཅུད་ཀྱིས་མུ་མཐུད་དུ་མངོན་མིན་ཤུལ་བཞག་རིག་གནས་སྔོག་འདོན་དང་ཞིབ་འཇུག བེད་སྤྱོད་བྱེད་པའི་རྣམ་གྲངས་རྒྱ་ཆེར་གཏོང་རྒྱུ་དང་མངོན་མིན་ཤུལ་བཞག་རིག་གནས་ཀྱི་དཔྱད་གཞི་བསྡུ་ལེན་དང་ལེགས་སྒྲིག་བྱས་ནས་ཚན་རིག་དང་མཐུན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་ཐབས་སྤྱད་དེ་ཉེ་འཁོར་གྱི་ས་ཁུལ་དང་མཉམ་ལས་བགྲོ་གླེང་བྱེད་སྒོར་ཧུར་ཐག་བཞུགས་ནས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་གྲུབ་འབྲས་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་རྨང་གཞི་གང་ལེགས་མངོན་པར་བྱེད་དོ། །
下一步,该县文化部门还将继续加大非物质文化遗产重点项目挖掘、研究、利用,开展对非遗资料的收集、整理、编目、归档,完善非遗名录体系及保护机制,落实科学保护措施,实行“非遗名录”动态管理;积极参与非物质文化遗产保护与周边地区交流与合作,充分展示文化遗产保护成果和深厚的文化底蕴。