2025-04-19 14:45 来源:网信丁青 点击:0
丁青县广大农牧民群众:
为切实保护广大农牧民群众的财产安全,避免虫草交易过程中产生各类经济纠纷,保障丁青县社会局势和谐稳定,提升自身维权意识,保护自身财产安全,现向丁青县广大农牧民群众温馨提示:
一是请妥善保管好自己的虫草,勿将虫草放置车内等不安全地带,谨防虫草丢失。二是在从事虫草交易活动中,切记盲目跟风,选择正规商家、正规场所,查看商家资质,应当面结清虫草交易款项,不接受赊账、不打白条,留好交易凭证,做到“一手交钱、一手交货”,防止以任何手段骗取虫草。三是交易过程中若需先交虫草,应根据法律要求,签订正规合同,标明身份证、虫草数量、还款日期、担保人、联系号码、还款期限等,不及时履行的应当赔偿损失,不履行约定的需走法律程序,并把法律催告的费用提前纳入合同。
提升农牧民群众法律意识,严格遵守法律法规,加强对扰乱市场秩序的违法行为的监督。一是禁止在虫草交易过程中存在哄抬物价、压低价格、串通价格、价格欺诈等违法行为。二是禁止利用人工技术抚育的“人工虫草”冒充“野生虫草”,采取掺假售假、鱼目混珠等不正当手段牟取暴利。
སྟེང་ཆེན་རྫོང་གི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམ་པ།
རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱས་ནས་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་རིང་དཔལ་འབྱོར་གྱི་རྩོད་གཞི་སྣ་ཚོགས་མི་ཐོན་པ་བྱས་ཏེ། སྟེང་ཆེན་རྫོང་གི་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་འགན་ལེན་དང་རང་ངོས་ཀྱི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ། རང་ངོས་ཀྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བཅས་བྱ་ཆེད། ད་ལྟ་སྟེང་ཆེན་རྫོང་གི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཤ་ཚའི་དྲན་སྐུལ་བྱ་རྒྱུ་གཤམ་ལྟར།
གཅིག་ནི་རང་ཉིད་ཀྱི་དབྱར་རྩྭ་དགུན་འབུ་ཉར་ཚགས་ཡག་པོ་བྱེད་དགོས་པ་དང་དབྱར་རྩྭ་དགུན་འབུ་རླངས་འཁོར་དང་བདེ་འཇཌ་མེད་པའི་ས་ཆར་འཇོག་རྒྱུ་མེད་པ། དབྱར་རྩྭ་དགུན་འབུ་བོར་བརླག་མི་འགྲོ་བ་བཅས་བྱེད་དགོས། གཉིས་ནི་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་སྒོ་སྤེལ་རིང་རྨོངས་ཚོད་ཀྱིས་རྗེས་འདེད་བྱེད་རྒྱུ་མེད་པ། ངེས་པར་དུ་ཚད་ལྡན་གྱི་ཚོང་པ་དང་ཚད་ལྡན་གྱི་ས་ཆ།ཚོང་པའི་ཐོབ་ཐང་བཅས་ལ་ལྟ་ཞིབ་བྱས་ནས། དབྱར་རྩྭ་དགུན་འབུ་ཉོ་ཚོང་གི་མ་དངུལ་གཙང་འཇལ་བྱེད་ནས།ཧ་མི་འཇོག་པ། ཆད་འཛིན་མི་འཇོག་པ། ཉོ་ཚོང་གི་འཛིན་ཡིག་ཡག་པོ་ཉར་ཚགས་བཅས་བྱས་ཏེ་"ལག་པ་གཅིག་གིས་དངུལ་སྤྲོད་པ་དང་ལག་པ་གཅིག་གིས་ཚོང་ཟོག་སྤྲད་ནས་" ཐབས་ཤེས་གང་རུང་ལ་བརྟེན་ནས་དབྱར་རྩྭ་དགུན་འབུ་གཡོ་ལེན་བྱ་རྒྱུ་སྔོན་འགོག་བྱེད་དགོས། གསུམ་ནི་ཉོ་ཚོང་བྱེད་པའི་བརྒྱུད་རིམ་ནང་གལ་ཏེ་དབྱར་རྩྭ་དགུན་འབུ་སྔོན་ལ་སྤྲོད་དགོས་ཚེ། བཅའ་ཁྲིམས་ཀྱི་བླང་བྱ་གཞིར་བཟུང་ཚད་ལྡན་གྱི་གན་རྒྱ་བཞག་ནས་ཐོབ་ཐང་ལག་ཁྱེར་དང་དབྱར་རྩྭ་དགུན་འབུའི་གྲངས་འབོར། དངུལ་བུན་འཇལ་བའི་དུས་ཚོད། ཁག་ཐེག་བྱེད་མཁན། འབྲེལ་གཏུག་ཨང་གྲངས། དངུལ་བུན་འཇལ་བའི་དུས་ཚོད་སོགས་གསལ་པོ་འགོད་དགོས་པ་དང་དུས་ཐོག་ཏུ་ལག་བསྟར་མ་བྱས་ཚེ་གྱོང་གུན་ཁ་གསབ་སྤྲོད་དགོས། ཁ་ཆད་ལྟར་ལག་བསྟར་མ་བྱས་ཚེ་བཅའ་ཁྲིམས་ཀྱི་བརྒྱུད་རིམ་བརྒྱུད་དགོས་པ་མ་ཟད། བཅའ་ཁྲིམས་སྐུལ་བརྡ་གཏོང་བའི་འགྲོ་སོང་དེ་སྔོན་ནས་གན་རྒྱའི་ནང་འཇོག་དགོས།
ཞིང་འབྲོག་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཟབ་ཏུ་གཏོང་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ། ཁྲོམ་རའི་སྒྲིག་ལམ་དཀྲུག་པའི་ཁྲིམས་འགལ་བྱ་སྤྱོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། གཅིག་ནི་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་པའི་བརྒྱུད་རིམ་ནང་ཟོག་གོང་ཧམ་སྤར་བྱེད་པ་དང་རིན་གོང་གཅོག་པ། ལྐོག་འབྲེལ་བྱེད་པ། རིན་གོང་ཁ་བསླུས་རྒྱག་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་རིགས་གཏན་འགོག་བྱེད་དགོས། གཉིས་ནི་མི་ཐབས་ལ་བརྟེན་ནས་གསོ་སྐྱོང་བྱེད་པའི་"དབྱར་རྩྭ་དགུན་འབུ་"དེ་"རི་སྐྱེས་ཀྱི་དབྱར་རྩྭ་དགུན་འབུ་"ཡིན་ཁུལ་བྱས་ཏེ་རྫུན་མ་བསྲེས་ནས་བཙོང་བ་དང་རྫུན་མ་མཉམ་བསྲེས་སོགས་ཚུལ་མིན་གྱི་བྱ་ཐབས་སྤྱད་དེ་ཁེ་བཟང་ཆེན་པོ་ཟ་བ་རྩ་བ་ནས་བྱེད་མི་ཆོག