2025-04-18 09:42 来源:网信丁青 点击:0
丁青县虫草采集期即将到来,为维护虫草采集秩序,保护草原生态,确保社会稳定,特作如下告知:
一、严格遵守法规。请务必熟知并严格执行《中华人民共和国野生植物保护条例》《西藏自治区冬虫夏草采集管理暂行办法》以及昌都市、丁青县关于虫草采集管理的相关规定,明确自身责任与义务。
二、禁止违规行为。严禁任何干部职工擅自引入县外人员采集虫草。不得利用职务之便或个人关系,为县外人员提供采集便利、隐瞒包庇或干扰正常管理秩序。
三、加强监督自律。干部职工不仅要做到自身不违规,还要积极监督身边人员。若发现有违规引入县外人员采集的行为,应及时劝阻并向有关部门报告。
四、明确处罚措施。若本县干部职工违反上述规定,擅自引入县外人员采集虫草,一经查实将严肃处理。
五、鼓励踊跃举报。欢迎广大群众积极发挥监督作用,若发现涉虫草采集的违法行为请及时进行举报,举报电话:4592333。我们郑重承诺对查证举报属实的举报人员信息严格保密。
六、本通告自发布之日起执行。
特此通知!
丁青县林草局(虫草采集管理办公室)
2025年4月16日
སྟེང་ཆེན་རྫོང་གི་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚོད་སླེབས་ཉེར་ཡོད་པས། དབྱར་རྩྭ་དགུན་འབུ་བརྐོ་བའི་སྒྲིག་ལམ་སྲུང་སྐྱོང་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་སྤྱི་ཚོགས་བརྟན་ལྷིང་འགན་ལེན་བཅས་བྱ་ཆེད། དམིགས་བསལ་གསལ་བཤད་གཤམ་ལྟར།
གཅིག། ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་རྩི་ཤིང་སྲུང་སྐྱོབ་སྲོལ་ཡིག་》དང་《བོད་རང་སྐྱོང་ལྗོངས་ཀྱི་དབྱར་རྩྭ་དགུན་འབུ་བརྐོ་བའི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་》དང་དེ་བཞིན་དབྱར་རྩྭ་དགུན་འབུ་བརྐོ་བའི་དོ་དམ་སྐོར་གྱི་ཆབ་མདོ་གྲོང་ཁྱེར་དང་སྟེང་ཆེན་རྫོང་གི་འབྲེལ་ཡོད་གཏན་འབེབས་ངེས་པར་དུ་ཤེས་རྟོགས་དང་ལག་བསྟར་ནན་པོ་བྱས་ཏེ། རང་ངོས་ཀྱི་འགན་འཁྲི་དང་འོས་འགན་ཁ་གསལ་བཟོ་དགོས།
གཉིས། སྒྲིག་འགལ་གྱི་བྱ་སྤྱོད་གཏན་འགོག་བྱ་དགོས། ལས་བྱེད་ལས་བཟོ་སུ་ཡིན་རུང་རང་འདོད་ཀྱིས་རྫོང་ཕྱིའི་མི་སྣ་ནང་ཁྲིད་ནས་དབྱར་རྩྭ་དགུན་འབུ་བརྐོ་བ་གཏན་འགོག་བྱ་དགོས། གོ་གནས་ཀྱི་སྟབས་བདེ་དང་མི་སྒེར་གྱི་འབྲེལ་བར་བརྟེན་ནས་རྫོང་ཕྱིའི་མི་སྣར་འབུ་བརྐོ་བ་སྟབས་བདེ་བསྐྲུན་པ་དང་སྦས་གསང་བྱེད་པའམ་ཡང་ན་རྒྱུན་ལྡན་གྱི་དོ་དམ་སྒྲིག་ལམ་ལ་འགལ་རྐྱེན་བཟོ་མི་ཆོག
གསུམ། ལྟ་སྐུལ་དང་རང་གཅུན་བྱེད་ཤུགས་ཆེ་རུ་གཏོང་དགོས།ལས་བྱེད་ལས་བཟོ་པས་རང་ངོས་ནས་སྒྲིག་འགལ་མི་བྱེད་པ་མ་ཟད། ད་དུང་ཉེ་འགྲམ་གྱི་མི་སྣར་ལྟ་སྐུལ་ཧུར་ཐག་བྱ་དགོས། གལ་ཏེ་སྒྲིག་འགལ་ངང་རྫོང་ཕྱིའི་མི་སྣས་འབུ་བརྐོ་བའི་བྱ་སྤྱོད་ཡོད་པ་ཤེས་ཚེ་དུས་ཐོག་ཏུ་བཀག་སྡོམ་སློབ་གསོ་རྒྱག་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཡང་ཞུ་དགོས།
བཞི། ཆད་པ་གཅོད་ཐབས་ཁ་གསལ་བཟོ་དགོས།གལ་ཏེ་རྫོང་དེའི་ལས་བྱེད་ལས་བཟོའི་གོང་གསལ་གྱི་གཏན་འབེབས་ལས་འགལ་ནས་རང་དགར་རྫོང་ཕྱིའི་མི་སྣ་ཁྲིད་ནས་དབྱར་རྩྭ་དགུན་འབུ་བརྐོ་རུ་བཅུག་ཚེ་རྩད་ཆོད་གསལ་པོ་བྱས་ཏེ། ཐག་གཅོད་ནན་པོ་བྱ་རྒྱུ།
ལྔ། ཧུར་ཐག་གིས་ཐེར་འདོན་བྱེད་པར་བསྔགས་སྐུལ་བྱ་དགོས། རྒྱ་ཆེའི་མང་ཚོགས་ཀྱིས་ལྟ་སྐུལ་ནུས་པ་འདོན་སྤེལ་ཧུར་ཐག་བྱ་རྒྱུར་དགའ་བསུ་ཞུ།གལ་ཏེ་དབྱར་རྩྭ་དགུན་འབུ་བརྐོ་བའི་འབྲེལ་ཡོད་ཁྲིམས་འགལ་བྱ་སྤྱོད་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཐེར་འདོན་བྱེད་དགོས་པ་དང་ཐེར་འདོན་ཁ་པར་4592333
ང་ཚོས་ཐེར་འདོན་བྱས་པའི་གནས་ཚུལ་ངོ་མ་ཡིན་ན་ཐེར་འདོན་མི་སྣའི་ཆ་འཕྲིན་གསང་སྲུང་ནན་པོ་བྱ་རྒྱུ་ཁས་ལེན་བྱས་ཡོད།
དྲུག། བརྡ་ཁྱབ་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
དེ་དོན་ཆེད་དུ་བརྡ་ཐོ་གཏོང་བ།
སྟེང་ཆེན་རྫོང་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་གཞུང་ལས་ཁང་།
2025་ལོའི་ཟླ་4ཚེས་16ཉིན།