2019-03-01 14:23 来源:昌都发布 点击:0
ཆབ་མདོ་གྲོང་ཁྱེར་གྱིས་ཟླ་3པའི་ཚེས་1ཉིན་ནས་བཟུང་ཚོང་གཉེར་ལག་ཁྱེར་གསར་པ་སྤྱོད་རྒྱུ་རེད་འདུག
昌都市将于3月1日起 启用新版营业执照!
༠༡ པར་གཞི་འཕྲེད་ངོས་སུ་བཅོས་ཡོད་ཅིང་པར་ངོས་ནང་དོན་ལའང་འགྱུར་ལྡོག་བཏང་ཡོད་པ།
01
变横版,版面内容有变化
ཚོང་གཉེར་ལག་ཁྱེར་གསར་པའི་པར་གཞི་གཅིག་འགྱུར་ཐོག་འཕྲེད་ངོས་སུ་བཅོས་ཡོད་ཅིང་མ་དེབ་དང་ཟུར་དེབ་གཉིས་བཟོས་ཡོད། མ་དེབ་ཐོག་ཚོང་གཉེར་ལག་ཁྱེར་དཔར་བའི་ཚད་གཞི་(2019ལོའི་པར་གཞི)གཞིར་བཟུང་། རྒྱལ་རྟགས་དང་མཐའ་ལྕགས། ཁ་བྱང་(ཚོང་གཉེར་ལག་ཁྱེར)རྒྱལ་ཁབ་ཁེ་ལས་ཡིད་རྟོན་ཆ་འཕྲིན་སྤྱི་བསྒྲགས་མ་ལག་གི་དྲ་ཚིགས། ཐོ་འཇུག་ལས་ཁུངས་ཀྱི་གཞུང་ཐེལ། ལོ་ཟླ་ཚེས་གྲངས། སྤྱི་ཚོགས་གཅིག་འགྱུར་ཡིད་རྟོན་ཨང་རྟགས། དོན་ཚན་མིང་དང་ནང་དོན། རྩ་གཉིས་རྟགས་རིས་དང་དེ་བཞིན་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ལྟ་ཞིབ་སོགས་ཀྱི་ནང་དོན་བཀོད་ཡོད་པ་དང་ཟུར་དེབ་ཐོག་སྙན་ཞུའི་དྲན་སྐུལ་གྱི་ཚིག་བྲིས་ཡོད་པ་རེད།
新版营业执照照面版式统一调整为横版,设有正本和副本。正副本照面按照《营业执照印制标准(2019年版)》印制国徽、边框、标题(营业执照)、国家企业信用信息公示系统网址、登录机关公章、年月日、统一社会信用代码、记载事项名称及内容、二维码、国家市场监督管理总局监制等内容,其中副本照面加打年报提示语。
༠༢ རྩ་གཉིས་རྟགས་རིས་ཁ་སྣོན་བྱས་ཡོད་པ།
02
增加二维码功能
ཚོང་གཉེར་ལག་ཁྱེར་རྙིང་པའི་ཐོག་གི་རྩ་གཉིས་རྟགས་རིས་ནུས་པར་གཅིག་འགྱུར་གྱི་ལེགས་སྒྲིག་བྱས་ནས་རྩ་གཉིས་རྟགས་རིས་དང་རྒྱལ་ཁབ་ཁེ་ལས་ཡིད་རྟོན་ཆ་འཕྲིན་སྤྱི་བསྒྲགས་མ་ལག་ཐོག་སྤྱི་བསྒྲགས་བྱས་པའི་ཁེ་ལས་ཀྱི་ཆ་འཕྲིན་ཡང་དག་པའི་ངང་འབྲེལ་མཐུད་བྱས་ཡོད་པ་མ་ཟད་ཚོང་གཉེར་ལག་ཁྱེར་ཐོག་“རྩ་གཉིས་རྟགས་རིས་བཤེར་འབེབས་བྱས་ནས་རྒྱལ་ཁབ་ཁེ་ལས་ཡིད་རྟོན་ཆ་འཕྲིན་སྤྱི་བསྒྲགས་མ་ལག་ཐོག་ཐོ་འཇུག་བྱས་ཚེ་ཐོ་འགོད་དང་གྲབས་ཐོ། བཀའ་ཁྲོལ། ལྟ་སྐུལ་དོ་དམ་ཆ་འཕྲིན་སོགས་རྒྱུས་ལོན་བྱེད་ཐུབ”ཅེས་བཀོད་ཡོད།
新版营业执照对原版营业执照的二维码功能进行了统一调整,实现二维码与国家企业信用信息公示系统上公示的企业信息精准联接,并在营业执照上增加“扫描二维码登录‘国家企业信用信息公示系统’了解更多登记、备案、许可、监管信息”提示语。
༠༣ དུས་ལྟར་ལག་ཁྱེར་བརྗེ་ལེན་བྱ་རྒྱུ།
03
按时启用换发
2019ལོའི་ཟླ་3ཚེས་1ཉིན་ནས་བཟུང་། ཐོ་འགོད་ལས་ཁུངས་ཀྱིས་ཐོ་འགོད་འཛུགས་པ་དང་འགྱུར་བ་གཏོང་བ་དང་དེ་བཞིན་ཚོང་གཉེར་ལག་འཁྱེར་གསབ་སྤྲོད་ཀྱི་ཁྲོམ་རའི་གྲུབ་ཆ་གཙོ་བོ་རིགས་ཀྱིས་ཆོག་མཆན་ཐོབ་པ་བརྒྱུད་ནས་ཚོང་གཉེར་ལག་ཁྱེར་གསར་པ་སྤྲོད་རྒྱུ། སྔོན་མའི་ཉར་ཚགས་བྱས་པའི་ཁྲོམ་རའི་གྲུབ་ཆ་གཙོ་བོ་ཁག་གིས་ཚོང་གཉེར་ལག་ཁྱེར་རྙིང་པ་མུ་མཐུད་བེད་སྤྱོད་གཏོང་ཆོག་ལ་རེ་ཞུ་བྱས་ཏེ་ལག་ཁྱེར་གསར་པའང་བརྗེ་ལེན་བྱས་ཆོག
自2019年3月1日起,经登记机关准予设立、变更登记以及补发营业执照的各类市场主体,颁发新版营业执照。之前存续的各类市场主体,可以继续使用原版营业执照,也可以申请换发新版营业执照。
༠༤ གློག་རྡུལ་ཚོང་གཉེར་ལག་ཁྱེར་བཀོལ་བར་སྐུལ་འདེད་གཏོང་རྒྱུ།
04
推进电子营业执照应用
ལག་ཁྱེར་གསར་པ་བླངས་པའི་ཁྲོམ་རའི་གྲུབ་ཆ་གཙོ་བོའི་ཐད་ཐོ་འགོད་མ་ལག་གིས་གློག་རྡུལ་ལག་འཁྱེར་གསར་པ་བཟོ་རྒྱུ་ཡིན་པ་མ་ཟད་གློག་རྡུལ་ཚོང་གཉེར་ལག་ཁྱེར་མཛོད་དུ་འཇུག་རྒྱུ། ཁེ་ལས་ཀྱི་ཁྲིམས་མཐུན་མི་སྣས་སྐད་འཕྲིན་སོགས་བརྒྱུད་ནས་གློག་རྡུལ་ཚོང་གཉེར་ལག་ཁྱེར་ཕབ་ལེན་དང་བཀོལ་སྤྱོད་གཏོང་ཆོག
对于领取了新版营业执照的市场主体,登记系统会同步生成新版电子营业执照并存入电子营业执照库。企业法定代表人可使用微信、支付宝等手机小程序搜索“电子营业执照”下载并使用。