今日西藏昌都: 卡若区|江达县|贡觉县|丁青县|察雅县|芒康县|八宿县|左贡县|边坝县|洛隆县|类乌齐县|2013年10月22日 星期二
今日公告:
您当前的位置:今日西藏昌都>丁青县>丁青新闻>

关于禁止外来人员进入丁青县域内非法采集虫草的通告(汉藏双语)

2025-04-17 08:39 来源:网信丁青 点击:0

 丁青县一年一度的虫草采集期即将到来,为加强虫草采集管理、保护草原生态环境,有效预防我县农牧民群众与外来人员之间发生冲突,杜绝因虫草资源而引发的矛盾纠纷和治安案件,切实维护丁青县社会局势稳定,按照区、市、县虫草采集管理的相关规定,严禁外来人员到我县虫草产区从事采集活动。现将有关规定告知如下:

     根据《中华人民共和国野生植物保护条例》《西藏自治区冬虫夏草采集管理暂行办法》以及昌都市、丁青县关于虫草采集管理相关规定,草原属国家所有,县级人民政府负责本行政区域内草场资源的监督和管理。必须是户籍在丁青县的农牧民群众经申办虫草采集证后方可到指定采集点进行采集;非丁青县户籍人员取得相关证明后可在本县务工,在虫草采集期不能进入本县虫草采集点,如果不听劝阻,擅自到采集点采挖虫草,造成的一切损失和后果自行承担,并根据《西藏自治区冬虫夏草采集管理暂行办法》等规定进行处罚。

     严禁各类车辆运载无虫草采集证人员进入我县虫草产区,如经发现,将按照丁青县实施《昌都地区关于贯彻落实西藏自治区冬虫夏草采集与交易管理暂行办法的实施办法(暂行)》的补充细则(暂行)第五条规定;在虫草采集期间,外来务工人员的活动一律凭劳动用工合同报建设主管部门和建设单位审定并出具证明,报公安部门审查确认后,由县虫草采集管理办公室核发通行证;务工单位提供的务工登记表中务必标明务工人员的详细情况、务工地点、务工时限并附本人真实照片。凡查实有雇佣他人采集虫草的,雇佣者属丁青县户籍的,取消当年的虫草采集资格,没收违法所得,并视情节处以1-5倍的罚款;属外县户籍的,依法依规予以严惩。



丁青县虫草采集管理办公室

2025年4月15日

       ཕྱི་མི་སྟེང་ཆེན་རྫོང་ཁོངས་སུ་ཁྲིམས་འགལ་ངང་དབྱར་རྩྭ་དགུན་འབུ་བརྐོ་མི་ཡོང་བར་གཏན་འགོག་བྱ་རྒྱུའི་སྐོར་གྱི་

བརྡ་ཐོ།

  སྟེང་ཆེན་རྫོང་གིས་ལོ་གཅིག་དུས་གཅིག་གི་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚོད་འཆར་ཉེར་ཡོད་པས། དབྱར་རྩྭ་དགུན་འབུ་བརྐོ་བར་དོ་དམ་བྱེད་ཤུཌ་ཆེ་རུ་གཏོང་བ་དང་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཏེ།   རང་རྫོང་གི་ཞིང་འབྲོག་མང་ཚོགས་དང་ཕྱི་ནས་ཡོང་བའི་མི་སྣའི་དབར་རྩོད་པ་ཐོན་རྒྱུ་སྔོན་འགོག་ནུས་ལྡན་བྱེད་པ་དང་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ལས་བྱུང་བའི་འགལ་བ་རྩོད་གཞི་དང་བདེ་འཇགས་ཀྱི་གྱོད་གཞི་གཏན་འགོག་བྱས་ནས།  ལྗོངས་དང་གྲོང་ཁྱེར། རྫོང་བཅས་ཀྱི་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་།  ཕྱི་མི་རང་རྫོང་གི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་དུ་འབུ་བརྐོ་ཡོང་བ་གཏན་འགོག་བྱེད་དགོས།  ད་ལྟ་འབྲེལ་ཡོད་གཏན་འབེབས་གསལ་བཤད་བྱ་རྒྱུ་གཤམ་ལྟར།

 <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་རྩི་ཤིང་སྲུང་སྐྱོང་སྲོལ་ཡིག་>>དང་<<བོད་རང་སྐྱོང་ལྗོངས་ཀྱི་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་>>དེ་བཞིན་ཆབ་མདོ་གྲོང་ཁྱེར་དང་སྟེང་ཆེན་རྫོང་གི་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རྩྭ་ཐང་ནི་རྒྱལ་ཁབ་ལ་དབང་བ་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རྩྭ་རའི་ཐོན་ཁུངས་ལ་ལྟ་སྐུལ་དང་དོ་དམ་བྱེད་འགན་འཁུར་དགོས། ངེས་པར་དུ་ཐེམ་ཐོ་སྟེང་ཆེན་རྫོང་གི་ཡིན་པའི་ཞིང་འབྲོག་མང་ཚོགས་ཀྱིས་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་ལག་ཁྱེར་གཉེར་ནས་གཞི་ནས་དམིགས་འཛུཌ་འཚོལ་བསྡུ་ས་ཚིགས་སུ་འབུ་བརྐོ་བསྐྱོད་ཆོག་པ་དང་སྟེང་ཆེན་རྫོང་གི་ཐེམ་ཐོ་མིན་པའི་མི་སྣར་འབྲེལ་ཡོད་དཔང་ཡིག་གཉེར་རྗེས།    རྫོང་འདི་ན་ལས་ཀ་བྱེད་ཆོག་པ་དང་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་དུས་ཚོད་ནང་རྫོང་འདི་གའི་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་ས་ཚིགས་སུ་བསྐྱོད་མི་ཆོག   གལ་ཏེ་ཁ་ཏ་བསླབ་བྱར་མ་ཉན་པར་རང་འདོད་ངང་དབྱར་རྩྭ་དགུན་འབུ་བརྐོ་མི་བསྐྱོད་ནས་བཟོས་པའི་གྱོང་གུན་དང་མཇུག་འབྲས་ཚང་མ་རང་ཉིད་ཀྱི་འགན་འཁུར་དགོས་པ་མ་ཟད།  <<བོད་རང་སྐྱོང་ལྗོངས་ཀྱི་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་>>ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ། 

   རླངས་འཁོར་རིགས་ཁག་གིས་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་ལག་ཁྱེར་མེད་པའི་མི་སྣ་རང་རྫོང་གི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་དུ་སྐྱེལ་འདྲེན་བྱེད་མི་ཆོག  གལ་ཏེ་ཤེས་རྟོགས་བྱུང་ཚེ།  སྟེང་ཆེན་རྫོང་གིས་<<བོད་རང་སྐྱོང་ལྗོངས་ཀྱི་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་དང་ཉོ་ཚོང་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཆབ་མདོ་ས་ཁུལ་གྱི་ལག་བསྟར་བྱ་ཐབས་(གནས་སྐབས་ལག་བསྟར་)>> ཀྱི་ཁ་གསབ་ཞིབ་སྲོལ་(གནས་སྐབས་ལག་བསྟར་)གྱི་དོན་ཚན་ལྔ་པའི་གཏན་འབེབས་གཞིར་བཟུང་། དབྱར་རྩྭ་དགུན་འབུ་བརྐོ་བའི་རིང་ཕྱི་ནས་ཡོང་བའི་ལས་མིའི་བྱེད་སྒོ་ཚང་མ་ངལ་རྩོལ་ལས་མི་སྤྱོད་པའི་གན་རྒྱར་བརྟེན་ནས་འཛུཌ་སྐྲུན་གཙོ་འགན་འཁུར་མཁན་སྡེ་ཚན་དང་འཛུགས་སྐྲུན་ཚན་པར་ཞིབ་བཤེར་གཏན་འབེབས་བྱེད་རྒྱུར་འབུལ་དགོས་པ་མ་ཟད་དཔང་ཡིག་ཀྱང་སྤྲོད་དགོས།   སྤྱི་བདེ་ཚན་པར་ཞིབ་བཤེར་གཏན་འཁེལ་བྱེད་རྒྱུར་ཕུལ་རྗེས་རྫོང་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་དོ་དམ་གཞུང་ལས་ཁང་གིས་ཤར་སྐྱོད་ལམ་ཡིག་སྤྲོད་དགོས།   ལས་མི་གླ་མཁན་ཚན་པས་མཁོ་འདོན་བྱས་པའི་ལས་མིའི་ཐོ་འགོད་རེའུ་མིག་ནང་ངེས་པར་དུ་ལས་མིའི་ཞིབ་ཕྲའི་གནས་ཚུལ་དང་ལས་ཀ་བྱེད་ས། ལས་ཀའི་དུས་ཚད་བཅས་ཐོ་འགོད་ནས་མི་དངོས་པོའི་འདྲ་པར་སྦྱར་དགོས།     མི་གཞན་གླས་ནས་དབྱར་རྩྭ་དགུན་འབུ་བརྐོ་མཁན་ཡོད་པ་རྩད་ཆོད་གསལ་པོ་བྱུང་བ་དང་གླས་མཁན་དེ་སྟེང་ཆེན་རྫོང་གི་ཐེམ་ཐོའི་ཁོངས་སུ་གཏོགས་པ་ཡིན་ན་ལོ་དེའི་དབྱར་རྩྭ་དགུན་འབུ་བརྐོ་བའི་ཐོབ་ཐང་མེད་པ་བཟོ་རྒྱུ་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད།  གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ལྡབ་1-5ཡི་དངུལ་ཆད་གཅོད་རྒྱུ་དང་། རྫོང་གཞན་གྱི་ཐེམ་ཐོའི་ཁོངས་སུ་གཏོགས་པ་ཡིན་ན་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆད་པ་ནན་པོ་གཅོད་རྒྱུ། 



སྟེང་ཆེན་རྫོང་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་དོ་དམ་གཞུང་ལས་ཁང་།

2025ལོའི་ཟླ4ཚེས་15ཉིན།