您当前的位置:网站首页>新闻中心>昌都新闻>

རྒྱལ་ཁབ་རིམ་པའི་སྤྱི་གླིང་དང་པོ། 昌都有了首个国家级湿地公园

2019-02-21 11:10 来源:中国西藏新闻网 点击:0

ཉེ་ཆར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས《2018ལོའི་ཚོད་ལྟ་བྱ་ཡུལ་གྱི་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཞིབ་བཤེར་རྩིས་ལེན་གནས་ཚུལ་སྐོར་གྱི་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་བརྡ་ཐོ》བཏང་ནས། རི་བོ་ཆེ་འཛི་ཆུའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་ལ(ཚོད་ལྟ)ཞིབ་བཤེར་རྩིས་ལེན་བྱས་པ་དང་འབྲེལ། “རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང”གི་སྒོ་བྱང་དངོས་སུ་བཀལ་བ་ལས་ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་དང་པོ་དེ་བདེ་བླག་ངང་བསྐྲུན་ཟིན་པ་མཚོན་གྱི་ཡོད།

近日,国家林业和草原局下发《国家林业和草原局关于2018年试点国家湿地公园验收情况的通知》,类乌齐紫曲河国家湿地公园(试点)顺利通过验收,并正式挂牌“国家湿地公园”,这标志着昌都市首个国家级湿地公园顺利建成。

 

 

ཤེས་རྟོགས་བྱུང་བར་གཞིགས་ན། རི་བོ་ཆེ་འཛི་ཆུའི་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་916ཡོད་ཅིང་། རྒྱལ་ལམ་214 རྒྱུད་ཀྱི་རི་བོ་ཆེ་རྫོང་གྲོང་གི་ནུབ་ རྒྱུད་དུ་གནས་པ་དང་། རིགས་མི་འདྲ་བའི་འདམ་རར་ཁྱོན་སྤྱི་ཆིང་761.62ཡོད་ལ་འདམ་ར་ཁྱབ་ཚད་83.1%ཟིན་གྱི་ཡོད།2014ལོའི་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་གི་སྤྱིའི་འཆར་འགོད་གཞིར་བཟུང་། རི་བོ་ཆེ་རྫོང་གིས་འཛུགས་སྐྲུན་དང་བདག་སྐྱོང་བྱས་ཤིང་། འདམ་རའི་སྐྱེ་དངོས་སླར་གསོའི་འདུ་འགོད་རྒྱུན་མཐུད་ནས་ལག་ལེན་བསྟར་ཏེ་འདམ་རའི་སྤྱི་གླིང་གི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་དང་རྡོ་རིང་དང་། སྒྲོམ་སྐྱོར། མཚོན་རྟགས་བྱང་བུ་སོགས་བཙུགས་པས། འདམ་རའི་སྣོད་བཅུད་ལ་ཁྱོན་ཡོངས་ནས་སྲུང་སྐྱོབ་ཐུབ་ཡོད།

据了解,类乌齐紫曲河国家湿地公园总面积916公顷,位于国道214线类乌齐县城南部,共有各种类型湿地761.62公顷,湿地率达到83.1%。类乌齐县于2014年依据国家湿地公园总体规划开始建设和管护,相继实施了湿地植被修复工程,完善了湿地公园基础设施,安装了界碑、界桩、标示标牌、护栏等管护设施,湿地生态得到全面保护。