• 网站投稿:admin@xzcd.com2013年10月22日 星期二

您当前的位置:网站首页 > 新闻中心 > 昌都时政 >

白玛旺堆看望慰问“三岩”片区易地扶贫搬迁群众(བོད་ཡིག་ཡོད།)

2019-02-01 07:20编辑:admin来源:昌都发布 评论:点击:

ཟླ༡ཚེས༢༨ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཆེད་མངགས་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་——བདེ་སྐྱིད་ཁང་གསར་ཁུལ་ཆུང་དུ་ཕེབས་ཏེ། གྲོང་ཨུད་དང་། གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས་དང་དེ་བཞིན་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་གནས་སྤོས་མང་ཚོགས་ལ་དཔྱིད་གསར་གྱི་ཆེས་མཛེས་སྡུག་ལྡན་པའི་སྨོན་འདུན་དང་འཚམས་འདྲི་ཞུས་གནང་བ་མ་ཟད། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ངོ་འཕྲད་ནས་སྤེལ་རེས་གནང་བ་དང་། གཅིག་སེམས་གཅིག་ལ་གཏད་དེ་གྲོས་བསྡུར་བྱས་པ། མིག་སྔའི་ཡུལ་གཞན་དུ་གནས་སྤོས་ལས་དོན་ཐད་བཏོན་པའི་ཚང་མའི་བསམ་འཆར་དང་གྲོས་འགོ་གསན་པ་རེད།

1月28日下午,区党委常委、拉萨市委书记白玛旺堆来到拉萨经开区易地扶贫搬迁安置点——德吉康萨小区,代表市委、市人大、市政府、市政协及全市各族人民,向搬迁群众致以新春最美好的祝福与问候,并与基层干部群众座谈,听取大家对当前易地扶贫搬迁工作的意见建议。

 

༢༠༡༨ལོའི་ལོ་སྨད་དུ། ཆབ་མདོའི་གོ་འཇོ་རྫོང་དང་སྨར་ཁམས་རྫོང་ནས་ཡོང་བའི་དབུལ་པོའི་དུད་ཚང་༡༢༥གནས་འདིར་བཅའ་སྡོད་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། པད་མ་དབང་འདུས་སྔ་རྗེས་སུ་བཀྲ་ཤིས་ནོར་བུ་དང་ཕུར་བུ་ཚེ་རིང་སོགས་གནས་སྤོས་མང་ཚོགས་ཀྱི་དུད་ཚང་དུ་བསྐྱོད་དེ། ཁོང་ཚོ་དང་མཉམ་དུ་བཞུགས་ནས་སྙིང་གཏམ་ཤོད་པ་དང་། མང་ཚོགས་གནས་སྤོས་བྱས་རྗེས་ཀྱི་འཚོ་བ་དང་། ལས་ཞུགས། སློབ་ཞུགས་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བ། བཀྲ་ཤིས་ནོར་བུ་དང་ཕུར་བུ་ཚེ་རིང་སོགས་ཀྱིས་སྔོན་ཆད་ཁོང་ཚོས་གྲོང་གསེབ་ཀྱི་ཁུག་ཀྱོག་ཏུ་འཚོ་བ་སྐྱེལ་གྱི་ཡོད་པས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་མེད་པ་དང་། ཐོན་སྐྱེད་ཀྱི་ཆ་རྐྱེན་ཞན་པ། འཚོ་བར་དཀའ་ངལ་ཧ་ཅང་ཆེ། མི་ཚེ་འདིར་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ༡༠༠ལྷག་ཡོད་པའི་ཐོག་ཁང་དུ་འཚོ་བ་སྐྱེལ་རྒྱུ་ཡོད་པ་དེ་རྨི་ལམ་དུའང་སྨི་མི་ཐུབ་པ་ཞིག་ཡིན། ཁྱིམ་ཆས་དང་གློག་ཆས་ཆ་ཚང་བ་མ་ཟད་ཐབ་ཚང་ནང་གི་སླ་ང་དང་། དཀར་ཡོལ་སོགས་ཀྱང་ཆ་ཚང་བ་ཞིག་བཀོད་སྒྲིག་བྱས་འདུག མཁོ་ཆས་གཅིག་ཀྱང་ཉོ་དགོས་ཀྱི་མི་འདུག ཐད་ཀར་གནས་སྡོད་བྱས་ཆོག ཕྲུ་གུ་རྣམས་སློབ་གྲྭར་སྐྱོད་སྐབས་ཀྱང་འགན་ལེན་གསུམ་གྱི་སྲིད་ཇུས་ལོངས་སྤྱོད་བྱས་ཆོག་པས་ཚང་མའི་འཚོ་བ་ཡག་པོ་སྐྱེལ་བའི་འདུན་པ་ཤུགས་ཆེར་ཕྱིན་ཡོད་པ་རེད།

2018年下半年,来自昌都市贡觉、芒康两县的125户贫困群众正式入住拉萨经开区易地扶贫搬迁安置点——德吉康萨小区,开启了幸福生活。白玛旺堆先后走进夏白措、扎西罗布和普布次仁三户搬迁群众家中,与他们围坐在一起,促膝交谈,详细了解群众搬迁后的生活、就业、就学等情况。夏白措、扎西罗布和普布次仁表示,以前他们住在交通极为不便的地方,生产条件差、生活困难,做梦也没想到这辈子还能住上100多平方米的楼房,不但家具家电全配好了,甚至厨房的锅碗瓢盆也都备齐了,孩子们上学同样享受“三包”政策,大伙儿的生活更有奔头了。

གནས་སྤོས་མང་ཚོགས་ཀྱི་སེམས་གཏམ་ལ་གསན་རྗེས། པད་མ་དབང་འདུས་ཀྱི་ཐུགས་ཧ་ཅང་དགྱེས་ཤིང་། ང་གིས་གསུང་ཚིག་ནན་ཞིང་ཐུགས་ཁུར་ཟབ་མོའི་སྒོ་ནས་ཚང་མར་ཁྱེད་ཚོར་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་འདི་འདྲ་ཞིག་སྐྱེལ་རྒྱུ་བྱུང་བའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། བྱམས་བརྩེའི་ཐུགས་ཁུར། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་དམིགས་བསལ་ལྡན་པའི་དགེ་མཚན་ལ་རག་ལས་ཡོད། ཁྱེད་ཚོ་དབུལ་པོའི་གནས་ནས་སྤོས་ཏེ་ད་ཆ་གྲོང་ཁྱེར་གྱི་གྲོང་མིར་གྱུར་ཡོད་པས་ཚང་མས་ཆུ་འཐུང་དུས་ཆུ་འགོ་མི་བརྗེད་པ་དང་། དཀའ་སྤྱད་འབད་བརྩོན། གྲོང་པ་ཁྱིམ་མཚེས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་བཅས་བྱས་ཏེ་གྲོང་ཁྱེར་གྱི་འཚོ་བར་གོམས་པར་བྱེད་པ་དང་། གནས་སྤོ་ཐུབ་པ་དང་། གནས་སྡོད་བྱེད་ཐུབ་པ། ཕྱུག་འགྱུར་ཐུབ་པ་བཅས་མངོན་འགྱུར་བྱེད་དགོས་ཞེས་གསུངས་པ་རེད།

听着搬迁群众发自肺腑的话语,白玛旺堆很高兴,他说,你们能有今天的幸福生活,根本在于有以习近平同志为核心的党中央的坚强领导、亲切关怀,根本在于社会主义制度的无比优越。大家挪了穷窝,现在是城市居民了,要饮水思源,牢记党的恩情,遵纪守法、服从管理、吃苦耐劳,处理好邻里关系,积极融入城市生活,实现搬得出、稳得住、能致富。

 

གནས་སྤོས་མང་ཚོགས་ཀྱི་ཁྱིམ་ནས་ཐོན་རྗེས། པད་མ་དབང་འདུས་ཐད་ཀར་བདེ་སྐྱིད་ཁང་གསར་ཁུལ་ཆུང་གི་གྲོང་མི་ཨུ་ཡོན་ལྷན་ཁང་དུ་ཕེབས་ཏེ། གནས་སྤོས་མང་ཚོགས་ཀྱི་འཐུས་མི་དང་གྲོང་མི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་མཉམ་དུ་བྱམས་བརྩེའི་གླེང་མོལ་བྱས་ཤིང་། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ས་ངན་ཡུག་སྦྲེལ་ཁུལ་གྱི་གྲོང་ཁྱེར་བརྒལ་བའི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་ས་ཚིགས་ཧྲིལ་པོའི་ལས་དོན་སྤེལ་ཚུལ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་སྙན་སེང་ལ་ཞིབ་ཕྲ་གསན་པ་དང་། གནས་སྤོས་མང་ཚོགས་ཀྱི་བསམ་འདུན་དང་རེ་སྨོན་སོགས་ཀྱི་ཐད་རྒྱུན་ལོན་ཞིབ་ཕྲ་གནང་བ་རེད།

走出搬迁群众的家,白玛旺堆径直来到德吉康萨小区居委会,与搬迁群众代表和居委会干部亲切座谈,详细听取拉萨经开区“三岩”片区跨市整体易地搬迁安置工作推进情况及群众生产生活情况汇报,了解搬迁群众的所思所想所盼。

 
标签: